skip to main
|
skip to sidebar
འཚོལ་རྟོག་དང་སྨོན་འདུན་གྱིས་གནམ་ལོ་གསར་བའི་སྐྱ་རེངས་ཚུར་བསུའི་ཞིང། གདུང་སེམས་མཉམ་སྐྱེད་དང་སྤོབས་པ་ཆེར་བསྐྱོད་ཀྱིས་བགྲང་བྱ་དུ་མ་རྒྱབ་ཏུ་བསྐྱུར་བའི་དེ་རིང་། འདས་ཟིན་པའི་ལོ་ཟླའི་ཀྱོག་མཚམས་རེ་ནས་རྣམ་ཤེས་དང་ཚེ་སྲོག་ཡོད་ཚད། ཁ་བའི་བདེན་དོན་དུ་སྦར་བའི་སྤུན་ཟླ་རྣམས་ཀྱི་བཞུད་ལམ་ལ་་ཡིད་ཀྱི་གདུང་ཤུགས་དྲག་པོའི་སྤོབས་སེམས་དང་ང་རྒྱལ་གྱིས་ཁང་བའི་རང་སེམས་འདིས་རྗེས་དྲན་དང་གྱེས་ཕྱག་ཐེངས་ཤིག་ཞུས་ནས། དེ་དང་ལྷན་དུ་ཁྱེད་ཀྱི་རྣམ་དཔྱོད་དང་དཔལ་ཡོན་གྱི་མཛེས་སྡུག་རེ་རེ་གངས་ལྗོངས་གཙུག་ལག་གསར་བའི་སྐྱེད་ཚལ་ནས་རྟག་ཏུ་བཞད་ཅིང་། བསམ་དོན་སྨོན་པའི་གནས་ཀུན་ཡིད་བཞིན་འགྲུབ་པའི་རྟེན་འབྲེལ་དང་། ད་དུང་ཁྱེད་དང་ང་ཡི་མཆོང་བསྐྱོད་དང་ཕུགས་་་བསམ་གྱི་མཛེས་པ་ཡོད་ཚད། གངས་ཅན་བོད་པ་ཚང་གི་དཔའ་ངར་གྱི་གྲོགས་སུ་་སྦྲན་ནས། ཡུན་ནས་ཡུན་དུ་མི་རིགས་འདི་དང་རྒྱལ་ཁབ་འདིའི་བླ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པའི་སྨོན་པ་བརྒྱ་ཁྲག་གི་གདངས་དང་བཅས། བོད་རྒྱལ་ལོ༢༡༣༧དང་ཕྱི་ལོ༢༠༡༠བོད་ཟླ༡ཚེས་༡ཉིན་རྫ་སྐྱེས་ཕུར་བས་འཕགས་ཡུལ་ལྷོ་ཕྱོགས་སེ་ར་དགོན་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག།།
Wednesday, March 31, 2010
No comments:
Post a Comment
Newer Post
Older Post
Home
Subscribe to:
Post Comments (Atom)
ཁ་བར་སིམ་པའི་རྣམ་ཤེས། གངས་ལྗོངས་མི་ཡི་སེམས་སུ་བསྐྱོད་དུས།། མ་ཡུམ་རྨ་ཆུའི་ཆགས་སྡང་རྟོགས་ཤིང་།། ཨ་མའི་གླུ་ཡི་གོ་དོན་རྙེད་པའི།། གངས་ལྗོངས་གསལ་བའི་དར་ཆ་མཐོན་པོ།། བདག་གི་མེས་པོའི་འགུལ་རྒྱན་དག་ནི།། རྒྱ་མཚོའི་གཏིང་གི་བྱི་རུ་ཡིན་ཞེས།། སྙན་རྩོམ་རིང་མོ་སྤོབས་པའི་གྱེར་བས།། གངས་ལྗོངས་མི་རྣམས་ཁྱོད་ལ་དགྱེས་འདུག ། ལ་རྒྱའི་དར་ཆེན་མཁའ་རུ་བསྒྲེང་བཞིན།། དཔའ་དང་སྤོབས་པའི་མདུན་དུ་མཆོངས་ཤིག ། ལྷུན་པོ་ཏི་སེས་འདི་སྐད་གསུངས་ཞེས།། ལམ་སྟོན་དེའང་རླབས་ཆེན་ཡིན་ནོ།། བསིལ་ལྗོངས་རིགས་པའི་མྱུལ་ལམ་རེ་ན། སེར་མདོག་ཞབས་རྗེས་འོད་དུ་འཚེར་འདུག ། ལོ་རྒྱུས་མཚོན་པའི་སྙན་རྩོམ་རེ་རེ།། སྒང་བ་བོད་ཀྱི་སྲོག་ཏུ་གྱུར་འདུག ། ཨ་མའི་སྙིང་ནས་གདམས་པའི་གླུ་དེ།། ང་ཚོར་བསྐྱུར་བའི་དྲན་ཤིང་ཡིན་ནམ།། མི་སྡུག་གངས་ཀྱི་རི་བོ་དེ་ཡང་།། ཁྱོད་ཀྱི་རང་བྱུང་སྙན་ངག་ཡིན་ནམ།།
མི་བུའི་ཚེ་སྲོག་གི་རིན་ཐང་།་ བསམ་བློ་དང་དགག་སྒྲབ་ཀྱི་སྙིང་སྟོབས་ཡིན་ལ། གསར་གཏོད་ནི་དེ་ཡི་ཡ་གཅི།་
གཡོ་དངརྫི་ཡིས་རང་གཞིས་རྨང་ནས་བཅོས།། དོན་གྱི་བསམ་བློ་མཆིས་ཚེ་དེ་ཉིད་འགོག།
རང་དབང་གི་སྔོན་འགྲོ་ནི་ཡིད་ཆེས་ལྡན་ཞིང་མི་རིགས་ཉེན་སྐྱོབས་ཀྱི་བསམ་བློ་ཡིན།
གནའ་ནས་ད་བར་གྱི་ལོ་རྒྱུས་ཀྱི་ཞིན་ཐོས།ཆབ་སྲིད་ཀྱི་དབང་ཆར་ལེགས་སྒྲུབ་དང་ཕམ་ཉེས་ཇི་ཡོང་མི་དམངས་ཀྱི་བསམ་བློ་གཏོང་ཕྱོགས་ལ་རག་ལས་པའི་དན་རྟགས་བྱེད་བཞིན་ཡོད།
དdDdddᩏᩏརརར
ལམ་འགྲམ་གྱི་རྡོ་བ་ཡོད་ཚད་སྙན་ངག་གི་མཆོད་རྫས་སུ་བསྒྱུར་འདོད་ཀྱིས།
ངའི་གོམ་སྟབས་འདི་ན་བསྒྱུར་ཡོད། མིག་ཟུང་འདི་ན་ཕྱེས་ཡོད།
མི་གཞིའི་མཛེས་སྡུག་གི་སླད་དུ། སྙིང་ཉེ་བའི་ཁྱོད་ཀྱི་ཕྱིར་ཏུ།
ཚེ་སྲོག་ལ་རིན་ཐེངས་ཡོད་པ་དེའི་རྐྱེན་གྱིས་་་།
སྙན་ངག་དང་སྙན་ངག་གི་མཛེས་པ་དེ་འཚོལ་གྱིན་ཡོད།
རྨི་ལམ་དང་འཚོ་བ་དངོས་ཀྱི་བར་ཐག་ཅི་འདྲ་རིང་ཡང་།
རང་ཉིད་སྤྱེལ་བུ་ཡིན་པའི་ཡིན་པའི་དེས་རབས་ཤིག་ཏུ་སློབས་ཡོད་པ་ཚོར་ཡོད།
Search This Blog
Pages
Home
ལེ་ཚན་གསར་བ་ཞིག
About Me
མི་གཞིའི་མཛེས་སྡུ་གི་རིན་ཐང་རླབས་ཆེ་བའི་བསམ་བློའི་སྟོབས་ཤུགས་ཀྱིས་མངོན་དགོས།
བདག་གི་ཁ་པར་ཨང་གྲངས 9739739739967 ཁྱིམ་སྤྱོད་ཨང་གྲངས 258993 གླེང་མོལ། 1182428948
ཁ་བར་སིམ་པའི་རྣམ་ཤེས། གངས་ལྗོངས་མི་ཡི་སེམས་སུ་བསྐྱོད་དུས།། མ་ཡུམ་རྨ་ཆུའི་ཆགས་སྡང་རྟོགས་ཤིང་།། ཨ་མའི་གླུ་ཡི་གོ་དོན་རྙེད་པའི།། གངས་ལྗོངས་གསལ་བའི་དར་ཆ་མཐོན་པོ།། བདག་གི་མེས་པོའི་འགུལ་རྒྱན་དག་ནི།། རྒྱ་མཚོའི་གཏིང་གི་བྱི་རུ་ཡིན་ཞེས།། སྙན་རྩོམ་རིང་མོ་སྤོབས་པའི་གྱེར་བས།། གངས་ལྗོངས་མི་རྣམས་ཁྱོད་ལ་དགྱེས་འདུག ། ལ་རྒྱའི་དར་ཆེན་མཁའ་རུ་བསྒྲེང་བཞིན།། དཔའ་དང་སྤོབས་པའི་མདུན་དུ་མཆོངས་ཤིག ། ལྷུན་པོ་ཏི་སེས་འདི་སྐད་གསུངས་ཞེས།། ལམ་སྟོན་དེའང་རླབས་ཆེན་ཡིན་ནོ།། བསིལ་ལྗོངས་རིགས་པའི་མྱུལ་ལམ་རེ་ན། སེར་མདོག་ཞབས་རྗེས་འོད་དུ་འཚེར་འདུག ། ལོ་རྒྱུས་མཚོན་པའི་སྙན་རྩོམ་རེ་རེ།། སྒང་བ་བོད་ཀྱི་སྲོག་ཏུ་གྱུར་འདུག ། ཨ་མའི་སྙིང་ནས་གདམས་པའི་གླུ་དེ།། ང་ཚོར་བསྐྱུར་བའི་དྲན་ཤིང་ཡིན་ནམ།། མི་སྡུག་གངས་ཀྱི་རི་བོ་དེ་ཡང་།། ཁྱོད་ཀྱི་རང་བྱུང་སྙན་ངག་ཡིན་ནམ།།
View my complete profile
My Blog List
ན་གཞོན་གསར་བ། - མདུན་ཤོག
/www.gdqpzhx.com/bo/
མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།
Followers
No comments:
Post a Comment